བཀའ་བརྒྱུད་སྨོན་ལམ་

སངྒ་བི་ཧ་ར།
དགེ་འདུན་གྱི་ཀུན་དགའ་ར་བ།
ImageImage
ད་ལྟའི་བཀའ་བརྒྱུད་སྨོན་ལམ་སྐབས་ཀྱི་དགེ་འདུན་གྱི་བཞུགས་གནས་དང་གུར་ནང་རྒྱུན་དུ་མཐོང་རྒྱུ་ཡོད་པའི་སྦྲུལ།

༄༅། །དཔལ་༸རྒྱལ་དབང་༸ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཆེན་པོ་མཆོག་གི་དགོངས་བཞེད་ལྟར། རྡོ་རྗེ་གདན་གྱི་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཆོས་རའི་ཉེ་འཁྲིས་སུ་བཙུན་པ་དང་བཙུན་མ་རྣམས་ཀྱི་ཆེད་དུ་སྡོད་ཁང་གསར་བཞེངས་ཀྱི་ལས་གཞི།

སྤྱི་ལོ་ ༢༠༠༤ ལོ་ནས་བཟུང་། དཔལ་༸རྒྱལ་བའི་དབང་པོ་༸ཀརྨ་པ་བཅུ་བདུན་པ་ཆེན་པོ་མཆོག་གི་ལམ་སྟོན་འོག བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ལས་ཁུངས་ནས་སྨོན་ལམ་ཆེན་མོ་གཙོས་པའི་མཛད་རིམ་འདྲ་མིན་གྱི་དོན་དུ་ཆོས་ར་སོགས་མཐུན་རྐྱེན་ཡར་རྒྱས་བཏང་དང་གཏོང་བཞིན་པ་ལ། གཏོང་ཕོད་ཅན་གྱི་སྦྱིན་པའི་བདག་པོ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས། དང་པོར་མི་ཁྲི་ལྷག་འཛོམས་སའི་སྨོན་ལམ་ཆེན་མོའི་ཆོས་ར་དང་། དེ་རྗེས་སྨོན་ལམ་སོགས་ལ་ཕེབས་མཁན་གྱི་མི་སྟོང་ཕྲག་མང་པོར་གཙང་སྦྲ་དང་ལྡན་པའི་བཟའ་བཏུང་བཟོ་སའི་ཐབ་ཚང་དང་གསོལ་ཚིགས་ཁང་བསྐྲུན་ཟིན་པ་ཡིན།

Image
སྤྱི་ལོ་ ༢༠༢༦ ལོའི་ཟླ་ ༡ ཚེས་ ༦ ཉིན། དགེ་འདུན་གྱི་བཞུགས་གནས་ཁང་གི་ས་གཞི་ལ། ༸སྐྱབས་མགོན་༸རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲཱི་རིན་པོ་ཆེ་མཆོག་གིས་ས་ཆོག་དང་འབྲེལ་བའི་ས་བསླངས་མཛད།

འོན་ཀྱང་ལོ་མང་རིང་བཀའ་བརྒྱུད་སྨོན་ལམ་དང་། བཀའ་བརྒྱུད་དགུན་ཆོས། འཕགས་མ་བདེ་བྱེད་མའི་དགུན་ཆོས་སོགས་ལ་ཚོགས་ཞུགས་གནང་མཁན་རྒྱ་བལ་འབྲུག་གསུམ་གྱི་མཁན་པོ་དང་། བླ་མ། གྲྭ་བཙུན་སློབ་གཉེར་བ་རྣམས་སྨོན་ལམ་ཆོས་རའི་རྒྱབ་ཕྱོགས་ཀྱི་གུར་ནང་བཞུགས་དགོས་སྟབས། ཟླ་གྲངས་སོགས་དུས་ཡུན་རིང་ཐུང་ལ་མ་ལྟོས་པར་དགུན་ཁའི་གནམ་གཤིས་གྲང་མོའི་སྐབས་ཧ་ཅང་གྲང་ཞིང་རློན་ཚད་ཆེ་བ་དང་། གནམ་གཤིས་ཚ་བའི་དུས་སུ་ཕྱི་རོལ་ལས་ཀྱང་ཚ་བ་ཆེ་བ། རླུང་འཚུབ་ཀྱིས་དགེ་འདུན་པའི་ཅ་དངོས་ཐོར་འགྲོ་བའི་དཀའ་ངལ་ཡོད། གུར་རྣམས་ལོ་མང་རིང་བེད་སྤྱོད་བཏང་བ་ལ་བརྟེན་ནས་ད་ལྟ་རྙིང་ཟད་དུ་གྱུར་ཡོད།

དེར་བརྟེན་དགེ་འདུན་པ་རྣམས་ཀྱི་འཕྲོད་བསྟེན་དང་ཆོས་ཀྱི་བྱེད་སྒོ་ཁག་ལ་རྒྱབ་སྐྱོར་གྱི་སླད་དུ། སྨོན་ལམ་ཆོས་རའི་རྒྱབ་ཕྱོགས་སུ་གྲྭ་ཤག་གསར་པ་ཞིག་བཞེངས་ཐུབ་ན། དགེ་འདུན་པ་རྣམས་ལ་གནམ་གཤིས་ཚ་གྲང་གི་དཀའ་སྡུག་ལས་སྲུང་སྐྱོབ་དང་། གཙང་སྦྲ་འཕྲོད་བསྟེན་ལ་ཕན་པ། དེ་བཞིན་ལོ་ལྟར་སྨོན་ལམ་ཆོས་རར་མཛད་རིམ་སྣ་མང་ལ་ཚོགས་ཞུགས་གནང་མཁན་གྱི་དགེ་འདུན་པའི་བཞུགས་གནས་སོགས་དགོས་མཁོ་ཆེན་པོ་མཆིས་པར་དམིགས་ནས་གྲྭ་ཤག་བཞེངས་རྒྱུར་གཏན་འཁེལ་བྱུང་ཡོད།

Image
  • དགེ་འདུན་པ་སུམ་སྟོང་ལྔ་བརྒྱ་ཙམ་གྱི་བཞུགས་གནས།
  • གྲྭ་བཙུན་རྣམས་ལ་སྡེ་ཚན་སོ་སོའི་སྡོད་ཁང་།
  • བླ་སྤྲུལ་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་ཀྱི་ཆེད་དུ་གཟིམ་ཁང་ཡོད།
  • གནམ་གྲང་བའི་སྐབས་ལ་དྲོད་ཆེ་ཞིང་། ཚ་བའི་སྐབས་ལ་བསིལ་བའི་ཁྱད་ཆོས་ཡོད་པ།
  • དུས་ཡུན་ལོ་ཟླ་བ་མང་པོར་བེད་སྤྱོད་གཏོང་ཐུབ་པ།
  • ཁྲུས་ཁང་གི་མཐུན་རྐྱེན་ཡོད་པ།
  • ལོ་མང་པོའི་རིང་དུ་བེད་སྤྱོད་བཏང་ན་ཡང་བཟོ་བཅོས་དང་ལྟ་སྐྱོང་སླ་བ།
  • ཆོས་བརྒྱུད་གཞན་དག་ལ་གཡར་པོ་བྱ་རྒྱུར་ཕན་པ། 
  • མི་དབུལ་པོ་དང་། ས་གནས་ཡུལ་མི་རྣམས་ལ་རོགས་རམ་གྱི་དོན་དུ་རིན་མེད་སྨན་བཅོས་ལ་སོགས་པའི་མཛད་རིམ་འཚོག་ས།
  • མཚམས་མཚམས་གསུང་ཆོས་ལ་སོགས་པའི་ཆོས་ཀྱི་མཛད་རིམ་འཚོག་ས་སོགས་དགོས་ཕན་རྒྱ་ཆེར་མཐོང་བས་གྲྭ་ཤག་གསར་བསྐྲུན་བྱེད་པ་ཡིན། །

Kagyu Monlam Bank Accounts

Hong Kong

Bank Name: Hang Seng Bank Limited

Bank Address: 83 Des Voeux Road Central, Hong Kong

SWIFT Code: HASEHKHH

Bank Code: 024

Beneficiary: Kagyu Monlam International (HK) Limited

Beneficiary account: 773-223417-883

United States

Account Name: Kagyu Monlam International 

Account No.: 204 560 957 

Address: P.O. Box 515, Mountain View, CA 94042-0515, USA

Bank Name: Citi Bank Routing 

Swift No.: 321171184 

Address: 5295 Prospect Rd., San Jose, CA 95129-5027 

Phone No.: (408) 257-9071

Image
Image
Image
Image
Image
Image
Image
Image
Image
    Planned dormitories for senior sangha, monks and nuns with the new stupa and its surrounding garden.